འགྲེམས་སྟོན་ཁང༌།


འགྲེམས་སྟོན་ཁང་ནི་བོད་ཀྱི་དཔེ་མཛོད་ཁང་གི་ཐོག་བརྩེགས་གཉིས་པར་ཆགས་ཡོད་པ་དང༌། ཕྱི་ལོ་ ༡༩༥༩ ནས་བཟུང་བོད་མི་བཙན་བྱོལ་དུ་ཕེབས་མཁན་ཚོས་རིན་བྲལ་སྲོག་དང་བདོས་ཏེ་འོར་འདྲེན་གནང་བའི་ཕྱག་དཔེ་དང། སྐུ་འདྲ། ཐང་ག་སོགས་རྩ་ཆེའི་རིག་དངོས་མང་པོ་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་རྣམས་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གསོལ་སྩལ་གནང། འདི་ནས་རིག་དངོས་དེ་དག་གཅེས་གསོག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་འགྲེམས་སྟོན་ཁང་དང་ལྷན་དུ་གོ་སྡུར་ཞུས་ཏེ་ཕྱི་ལོ་ ༡༩༧༤ ལོར་འགྲེམས་སྟོན་ཁང་འདི་ཉིད་ཐོག་མར་དབུ་འཛུགས་ཞུས།

རིམ་བཞིན་འགྲེམས་སྟོན་ཁང་རྒྱ་སྐྱེད་དང་དེང་དུས་དང་མཐུན་པའི་སྒྲིག་བཟོ་བྱས། ད་ལྟའི་ཆར་འཛམ་གླིང་ནང་རིན་ཐང་ཆེ་ཤོས་སུ་གྱུར་པའི་བོད་ཀྱི་རིག་དངོས་མང་དག་ཅིག་འགྲེམས་སྟོན་ཞུ་བཞིན་ཡོད། དཔེར་ན། ཤིང་རྐོས་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་བློས་བསླངས་པའི་དཀྱིལ་འཁོར་དང༌། དར་སྐུད་འཇའ་བསྒྲིགས་ལས་གྲུབ་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་གཞལ་ཡས་ཁང། ྋགོང་ས་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བཀོད་མངགས་གནང་བ་ཁོང་གི་སྐུ་ཚད་དང་མཉམ་པའི་ཟངས་གྲུབ་སྤྱན་རས་གཟིགས་ཀྱི་སྐུ་བརྙན། མི་ཚད་དང་མཉམ་པའི་མཉམ་མེད་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་སྐུ་འདྲ་སོགས་ཤིན་ཏུ་དཀོན་རིགས་ཀྱི་རིག་དངོས་རྩ་ཆེ་མང་པོ་བཞུགས་ཡོད།

འབྲེལ་ཡོད་མི་སྣ།

བསྟན་འཛིན་ཆོས་འཛོམས།
འགྲེམས་སྟོན་དོ་དམ་པ།

གནས་བསྡུས།

ཕྱི་ལོ་ ༢༠༡༥ ལོའི་གནས་བསྡུས།

  • སྐུ་འདྲ་དང་ཐང་ཀ་གྲངས་ ༡༠༠༠ དང་།
  • ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གདུང་རྟེན་དང་ཆོ་གའི་རིག་དངོས་རྙིང་པ་མང་པོ་དང༌།
  • ཤིང་རྐོས་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཟུར་གསུམ་སོགས་བཞུགས་ཡོད།