དཔར་མཛོད་ཁང།


བོད་ཀྱི་དཔེ་མཛོད་ཁང་གི་དཔར་མཛོད་ཁང་ནས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འདྲ་དཔར་མང་པོ་ཞིག་གཅེས་གསོག་ཞུ་བཞིན་ཡོད། ཕྱི་ལོ་ ༡༩༤༠ ཞེ་གྲངས་ནས་ད་བར་བརྒྱབ་པའི་འདྲ་དཔར་དང། སྤྱིན་ཤོག་ཁྲི་ཚོ་བརྒལ་བ་གསོག་འཇོག་ཐུབ་པ་བྱུང་ཡོད་པ་དེས་བོད་དང་བོད་མིའི་ཁྱད་ཆོས་ལྡན་པའི་འཚོ་བའི་གནས་སྟངས་རྣམས་གསལ་སྟོན་བྱེད་ཀྱི་ཡོད་སྟབས། འདི་ནས་ལོ་རེར་འདྲ་དཔར་གྱི་འགྲེམས་སྟོན་ཐེངས་གཉིས་གོ་སྒྲིག་ཞུས་དང་ཞུ་མུས་ཡིན།

དེ་བཞིན་ལོ་རེའི་ཟབ་སྦྱོང་དང། གཏམ་བཤད། སྐུ་མགྲོན་ཆེད་ཕེབས་སོགས་དཔེ་མཛོད་ཀྱི་ལས་གཞི་ཅི་རིགས་ཀྱི་འདྲ་དཔར་གསར་རྒྱག་དང། མ་ཟད་གཞུང་འབྲེལ་ཆོས་སྲིད་ཀྱི་མཛད་སྒོ་ཁག་དང། དུས་འཁོར་དབང་ཆེན་སོགས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་གང་ཐུབ་དཔར་ལེན་ཞུ་བཞིན་ཡོད།
alt

འབྲེལ་ཡོད་མི་སྣ།

བསོད་ནམས་ཚེ་རིང༌།
དཔར་མཛོད་དོ་དམ་པ།

ཕབས་ལེན།

Photo Exhibition Brochure, 2010