ཚན་རིག་ཤེས་ཡོན་གྱི་ལས་འཆར།


༸སྤྱི་ནོར་གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྣེ་ཁྲིད་ཀྱི་ལས་གཞི་ཞིག་ཕྱི་ལོ་ ༡༩༩༩ ལོར་དབུ་བཙུགས། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ནང་ཆོས་སློབ་གཉེར་གྱི་ཞོར་དུ་དེང་དུས་ཚན་རིག་སློབ་ཁྲིད་བྱ་རྒྱུ་དེ་ཡིན།  བོད་ཀྱི་དཔེ་མཛོད་ཁང་འདི་ཉིད་བོད་ཀྱི་ཆོས་རྒྱུད་སྤྱི་དང་གཡུང་དྲུང་བོན་སོགས་བོད་རིག་པའི་སློབ་གཉེར་བསྟི་གནས་ཁང་ཞིག་ཡིན་པའི་ཆ་ནས་དེ་ལྟ་བུའི་ལས་གཞི་སྒྲུབ་པར་ཤིན་ཏུ་འོས་ཤིང་འཚམས་པར་བརྟེན་ཚན་རིག་ལས་འཆར་དེའི་ལས་འགན་ཡོངས་རྫོགས་གནང་ཡོད།

ནང་ཆོས་ལྟ་གྲུབ་དང་དབྱིན་ཡིག་ཤེས་ཚད་ལེགས་པོ་ཡོད་པའི་གྲྭ་བཙུན་ཁག་གཅིག་ལ་ཐོག་མར་ཚན་རིག་སློབ་ཁྲིད་བྱེད་འགོ་བཙུགས་ཤིང། དེ་ཡང་འདི་གའི་ཚན་རིག་སྡེ་ཚན་གྱི་ལོ་ཙཱ་བས་ཚན་རིག་གི་བརྡ་ཆད་གཏན་འབེབས་དང། སློབ་ཁྲིད་རྒྱུ་ཆ་འདེམས་སྒྲུག སློབ་ཚན་འཆར་འགོད་སོགས་སྔོན་སོང་ཐོག་དགོན་སྡེ་ཆེ་ཁག་གི་ལོ་རེའི་ཀྲིག་ཅར་དཔེ་ཁྲིད་དང་ཆོས་ར་སོགས་ལ་འཐུས་ཤོར་མི་འགྲོ་བའི་སླད་སློབ་དུས་ཀྱི་བར་མཚམས་སུ་ཚན་རིག་ཟབ་སྦྱོང་སྤྲོད་ཀྱི་ཡོད།

དེང་གི་ཆར་འདི་ག་སྡེ་ཚན་ནས་ལོ་ལྟར་ཚན་རིག་ཟབ་སྦྱོང་ཐེངས་གསུམ་ཙམ་གོ་སྒྲིག་ཞུས་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྙན་གྲགས་ཅན་གྱི་ཚན་རིག་མཁས་དབང་དང་དགེ་རྒན་གདན་ཞུ་དང་འབྲེལ་འདི་གའི་ལོ་ཙཱ་བས་གསུང་སྒྱུར་དང་ཡིག་སྒྱུར་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང། ཟབ་སྦྱོང་དེའི་ནང་རྒྱ་བལ་འབྲུག་གསུམ་དུ་གནས་པའི་ཆོས་བརྒྱུད་རིས་མེད་ཀྱི་གྲྭ་བཙུན་མང་པོས་མཉམ་ཞུགས་གནང་གི་ཡོད། མ་ཟད་ལོ་རེར་ཚན་རིག་དང་ནང་ཆོས་ཀྱི་མཁས་དབང་མཉམ་ཞུགས་ཀྱིས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་ཞུ་བཞིན་ཡོད། སྡེ་ཚན་འདི་ནས་ལོ་རེར་ཚན་རིག་དུས་དེབ་དང། ཟླ་རེའི་ཚན་རིག་གསར་ཤོག་འདོན་མུས་ཁར། གྲགས་ཅན་ཚན་རིག་དཔེ་དེབ་ཁག་ཡིག་སྒྱུར་དཔར་སྐྲུན་ཞུ་བཞིན་ཡོད།

འབྲེལ་ཡོད་མི་སྣ།

ཉི་མ་རྒྱལ་མཚན།
ཚན་རིག་སྡེ་ཚན་གྱི་འགན་འཛིན།

འབྲེལ་ཡོད་དྲ་བྱང་།

དགེ་འདུན་པའི་ཆེད་ཚན་རིག
ལས་འཆར་འདིའི་ཆེད་ཆེད་མངགས་དྲ་རྒྱ་ཆུ་ཆུང་ཞིག་བཟོས་ཡོད།

ཚན་རིག་དུས་དེབ།
བོད་ཡིག་ནང་དེང་དུས་ཚན་རིག་གི་ལྟ་ཚུལ་དང་རྣམ་གཞག་སྐོར་དང་། གཏམ་བཤད་ཁག་ཡིག་སྒྱུར་ཞུས་པ་མང་དག་ཅིག་པར་འགྲེམས་བྱེད་ཀྱི་ཡོད།

ཚན་རིག་གསར་འཕྲིན།
ཚན་རིག་གི་གསར་འཕྲིན་འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཐོག་མར་བྱུང་བའི་ཚན་རིག་གི་གསར་འཕྲིན་ཞིག་ཡིན། ཕྱི་ལོ་ ༢༠༠༦ ནས་འགོ་བཙུགས་ཏེ་ལོ་རེར་ཐེངས་བཞི་རེ་དཔར་སྐྲུན་ཞུ་གི་ཡོད།

ཨི་མོ་རི་གཙུག་ལག་སློབ་གྲྭ
ཨ་རིའི་ནང་གི་ཨི་མོ་རི་གཙུག་ལག་སློབ་གྲྭའི་གཞུང་འབྲེལ་དྲ་རྒྱ།

དབང་ཤེས་སྐོར་ལ་འགྲེམས་སྟོན།

གནས་ཚུལ་རགས་བསྡུས།

ཕྱི་ལོ་ ༢༠༡༥ གནས་བསྡུས:
  • དགོན་སྡེ་ཁག་ལ་ཚན་རིག་ཟབ་སྦྱོང་།
  • བརྡ་ཆད་གཏན་འབེབ།

འཕབ་ལེན།