ཁོར་ཡུག་ཚོགས་ཆུང༌།


བོད་ཀྱི་དཔེ་མཛོད་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་འདི་བཞིན་དཔེ་མཛོད་ཁང་གི་ལས་བྱེད་གཙོ་བོར་གྱུར་པའི་ཁོར་ཡུག་འདིའི་ནང་གནས་སྡོད་རེ་ཟུང་ལས་གྲུབ་པའི་དང་བླངས་ཀྱི་ཚོགས་ཆུང་ཞིག་ཡིན། ཚོགས་ཆུང་འདིར་དམིགས་ཡུལ་གསུམ་ཡོད་པ་ལས། དང་པོ་རྒྱུན་གཏན་འཚོ་བའི་ཁྲོད་ལུས་ཁམས་ཀྱི་འཕྲོད་བསྟེན་གོ་རྟོགས་གོང་མཐོར་གཏོང་རྒྱུ་དང༌། བསམ་བློ་རྒྱ་ཆེ་ས་དང་ལག་ལེན་ཆུང་ཙག་ནས་བསྟར་རྒྱུའི་གོ་སྐབས་སྤྲོད་རྒྱུ། དཔེ་མཛོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལས་དོན་ཅི་རིགས་ཁྲོད་ཧུར་སྐྱེད་ཆེན་པོས་མཉམ་ཞུགས་བྱ་རྒྱུའི་འདུན་པ་བསྐྲུན་རྒྱུ་བཅས་ཡིན། ཚོགས་ཆུང་འདི་ནི་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་དངོས་སུ་དབུ་བརྙེས་ཏེ་འདི་གའི་ཁོར་ཡུག་གཙང་བཟོ་དང་འབྲེལ་སྔོ་ལྗང་ལྗོན་ཤིང་དང་མེ་ཏོག་འདེབས་འཛུགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་མཆིས།

འབྲེལ་ཡོད་མི་སྣ།

ཉི་མ་རྒྱལ་མཚན།
ཁོར་ཡུག་ཚོགས་ཆུང་གི་འགན་འཛིན།

འདྲ་པར་གཞན།