ནང་ཆོས་ལྟ་གྲུབ་འཛིན་གྲྭ།


བོད་ཀྱི་དཔེ་མཛོད་ཁང་གིས་ཉིན་ལྟར་ནང་དོན་རིག་པའི་གཞུང་ལུགས་སློབ་ཁྲིད་བྱས་པ་བརྒྱུད་དངོས་པོའི་གཤིས་ལུགས་ཤེས་རྟོགས་དང། ཉིན་རེའི་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་ཕན་ཐོགས་ཡོང་གི་ཡོད། འདི་གའི་ཆོས་དགེ་རྣམས་ནི་སྐུ་ཚེའི་རིང་བསླབ་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་དགེ་བའི་བཤེས་གཉེན་ཚད་ལྡན་ཤ་སྟག་ཡིན། དཔེ་ཁྲིད་འཛིན་གྲྭར་ཕྱི་རྒྱལ་སློབ་མ་ཚོའི་ཆེད་སྐད་སྒྱུར་གྱི་མཐུན་རྐྱེན་ཡོད་པ་དང། དཔེ་ཁྲིད་སློབ་གཞི་གཙོ་བོ་ནི་འཕགས་བོད་མཁས་པས་མཛད་པའི་བསྟན་བཅོས་ཁག་ལས་བརྗོད་གཞི་ཁྱད་པར་བ་རྣམས་ཀྱི་དགོངས་འགྲེལ་དང། སྒོམ་སྒྲུབ་ཉམས་ལེན་ལ་དམིགས་པའོ།།

ཚོགས་ཐེངས།
ཉིན་གཅིག་ནང་འཛིན་གྲྭ་ཁག་མི་འདྲ་བ་གཉིས་ཡོད་པ་ལས། ཚོགས་ཐེངས་དང་པོ། སྔ་དྲོ་ཚོུད་ ༩།༠༠ ནས་ ༡༠།༡༥ བར་དང༌། གཉིས་པ། ཚོུད་ ༡༠།༣༠ ནས་ ༡༡།༤༥ བར་ཡིན། རེས་གཟའ་ཟླ་བའི་འཛིན་གྲྭའི་སྐབས་སྒོམ་གྱི་སྦྱོར་དངོས་མཇུག་གསུམ་ཐོག་འགྲེལ་བ་གནང་སྟེ་སྒོམ་སྦྱོང་གནང་གི་ཡོད།

མཆན། འཛིན་གྲྭའི་དུས་ཚོད་ནི་༸གོང་ས་མཆོག་གི་གསུང་ཆོས་དང་སྟབས་བསྟུན་འགྱུར་བ་འགྲོ་སྲིད། དེ་ལྟ་བུའི་འགྱུར་བ་བྱུང་ན་སྔོན་ཚུད་ནས་གསལ་བསྒྲགས་བྱེད་ཀྱི་ཡོད། རེས་གཟའ་སྤེན་པ་གཉིས་པ་དང་བཞི་པ། ཉི་མ། གཞུང་འབྲེལ་གུང་གསེང་ནམ་ཡིན་ལ་འཛིན་གྲྭ་མེད། སྐབས་རེ་གློ་བུར་དུ་ཛ་དྲག་གནད་དོན་གྱིས་རྐྱེན་པས་འཛིན་གྲྭ་འཚོགས་མི་ཐུབ་པ་ཡོང་སྲིད། དེར་བརྟེན་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོས་བོད་ཀྱི་དཔེ་མཛོད་ཁང་དུ་མ་བཅར་གོང་ངེས་པར་དུ་སློབ་དུས་གཏན་འཁེལ་ཡོང་སླད་འདི་གའི་ལས་ཁུངས་སུ་ཁ་པར་རམ་མྱུར་འཕྲིན་གཏོང་བ། ཡང་ན་དྲ་རྒྱའི་ཁ་བྱང་(www.ltwa.net)འདིར་གཟིགས་ཞིབ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཕབ་ལེན།

སློབ་ཚན་འཆར་བཀོད་དེབ་ཆུང་།

སྡེ་ཚན་འོག་མ།

དགེ་བཤེས་རྒྱལ་མཚན་ཚེ་རིང་།
ནང་ཆོས་འཛིན་གྲྭ་དང་པོ།
གཟའ་ཟླ་བ་ནས་སྤེན་པ། ཕྱག་ཚོད་ ༩ ནས་ ༡༠།༡༥

དགེ་བཤེས་བློ་བཟང་བརྩོན་འགྲུས།
ནང་ཆོས་འཛིན་གྲྭ་གཉིས་པ།
གཟའ་ཟླ་བ་ནས་སྤེན་པ། ཕྱག་ཚོད་ ༡༠།༣༠ ནས་ ༡༡།༤༥