འགྲེམས་སྟོན་ཁང་ཉམས་གསོ།

འགྲེམས་སྟོན་ཁང་འདིའི་ནང་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་སྒྱུ་རྩལ་དངོས་ རིགས་གྲངས་ཆིག་སྟོང་ལྷག་གི་ཕྱོགས་བསྡུས་རྣམས་འཛམ་གླིང་ནང་རིན་ཐང་ཆེ་ཤོས་ ཀྱི་གྲས་སུ་བཞུགས་ཡོད། འགྲེམས་སྟོན་ཁང་ནང་བཞུགས་པའི་སྒྱུ་རྩལ་གྱི་དངོས་རིགས་མང་པོ་ཞིག་སྔོན་ཆད་ དགོན་སྡེ་ཁག་ནང་དར་རྒྱས་ཕྱིན་པ་དང་བོད་ནང་གི་ཆོས་ཕྱོགས་ཀྱི་མི་ཚེའི་དྲན་ གསོ་བྱེད་པོ་ལྟ་བུར་གནས། དེ་དག་ཚང་མ་བོད་ནས་བྲོས་བྱོལ་དུ་ཕེབས་པའི་གང་ཟག་སྒེར་པ་རྣམས་ཀྱིས་གཏོར་ བཤིག་བཏང་པའི་དགོན་སྡེ་ཁག་ནས་ཉེན་ཁ་ལས་བསྐྱབས་ཏེ། བརྟན་པོར་ཉར་ཚགས་བྱ་ཆེད་༸གོང་ས་མཆོག་ལ་ཕུལ་བ་ཤ་སྟག་ཡིན། དེ་འདྲ་བྱུང་ན། བོད་ཀྱི་རིག་གཞུང་གི་གཅེས་ནོར་སྲུང་སྐྱོབ་ཐུབ་ངེས་ཡིན།

འགྲེམས་སྟོན་ཁང་འདི་བཞིན་གསར་འཛུགས་ཞུས་ཏེ་ཕལ་ཆེར་མི་ལོ་བཞི་བཅུ་འཁོར་བའི་རྗེས། ད་ཡོད་ཀྱི་འགྲེམས་སྟོན་གྱི་འཆར་སྒོ་དང་ཕྱིའི་བཀོད་པ་རྣམས་རྙིང་པ་ཆགས་པ་དང་། སྒྲིག་ཤོམ་བྱེད་སའི་ཤེལ་སྒྲོམ་ཡང་རྙིང་པ་ཆགས་ཏེ་ལྷུ་ལག་ལ་དཀའ་ངལ་འཕྲད་བཞིན་མཆིས། དེ་བཞིན་རྩ་ཆེའི་དངོས་རིགས་འགའ་ཞིག་ལ་འགྲེལ་བཤད་ཏག་ཏག་མེད་པས་བསྐྱར་གསོ་བྱ་གལ་ཆེ། འགྲེམས་སྟོན་ཁང་ཉམས་གསོ་བྱེད་དགོས་པའི་དམིགས་ཡུལ་ནི། བོད་རིགས་དང་ཕྱི་རྒྱལ་གཟིགས་སྐོར་བ་གཉིས་ཀར་སྒྱུ་རྩལ་གྱི་དངོས་པོ་དེ་དག་ལ་གཟིགས་ཞིབ་ལྷུག་པོ་དང་དེ་དག་གིས་མཚོན་པའི་གལ་ཆེའི་རང་བཞིན་ལ་འགྲེལ་བཤད་གསལ་པོ་ཞིག་མཁོ་འདོན་བྱ་རྒྱུའི་ཆེད་དུ་ཡིན།

དཔེ་མཛོད་ཁང་འདི་གསར་འཛུགས་ཞུས་ནས་མི་ལོ་བཞི་བཅུའི་རྗེས་འདི་གའི་འགྲེམས་སྟོན་ཁང་ཉམས་གསོའི་ལས་གཞི་འདི་ནི་བོད་ཀྱི་སེམས་དོན་རིག་པ་དང༌། རིག་གཞུང༌། ཕ་མེས་ནས་བརྒྱུད་པའི་སྒྱུ་རྩལ་དངོས་རིགས་ཀྱི་གཅེས་ནོར་རྣམས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་ལས་གཞི་ཞིག་ཡིན། དེའི་དམིགས་ཡུལ་ནི་དངོས་རིགས་རྣམས་བློ་སྟོབས་སྤེལ་བའི་རྣམ་པ་གཅིག་པུའི་ཐོག་ནས་མིན་པར་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བའི་གཟིགས་སྐོར་བ་རྣམས་ལ་དེ་དག་གི་མཚོན་དོན་རྣམས་གསལ་པོར་སྟོན་ཕྱིར་ཡིན། འདས་པའི་མི་ལོ་གཉིས་ལྷག་རིང༌། ཕུལ་བྱུང་མི་སྣ་རུ་ཁག་ཅིག་གིས་དཔེ་མཛོད་དོ་དམ་དང་བཀོད་པ་གསར་པའི་ལྟ་ཚུལ་གཉིས་ཀར་ཡར་རྒྱས་བཏང་ཡོད།

ཕྱི་ལོ་ ༢༠༠༧ ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྒྱུ་རྩལ་གྱི་འགྲེམས་སྟོན་ཁང་སླར་གསོའི་ཆེད་བོད་ཀྱི་དཔེ་མཛོད་ཁང་དང་འཇི་རུ་སི་ལེམ་(Jerusalem)དུ་ཨི་སི་ར་ཡེལ་(Israeli)བོད་ཀྱི་གྲོགས་པོ་གཉིས་མཉམ་སྦྲེལ་ལས་གཞི་སྤེལ་བཞིན་ཡོད། འགྲེམས་སྟོན་ཁང་ནང་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཚོས་༸གོང་ས་མཆོག་ལ་ཕུལ་བའི་ལྕགས་རིགས་ཀྱི་རྐོས་རིས་གཙོས་རྩ་ཆེའི་དངོས་རིགས་གྲངས་ཆིག་སྟོང་ལྷག་བཞུགས་ཡོད། ཕྱོགས་བསྡུས་རྣམས་སྤྱིར་འགྲོ་བ་མིའི་རིགས་དང་ཡང་སྒོས་བོད་རིགས་རྣམས་ལ་ཧ་ཅང་གལ་འགངས་ཆེ་བ་དང་རིན་ཐང་ཆེ་བ་ཞིག་ཏུ་བརྩི་གི་ཡོད།

ད་ལྟའི་ཆར་འགྲེམས་སྟོན་ཁང་གི་བསྐྱར་གསོའི་འཆར་གཞི་མཐའ་མའི་རིམ་པར་སླེབས་ཡོད། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་ལམ་སྟོན་འོག འཇི་རུ་སི་ལེམ་དུ་ཡོད་པའི་བོད་ཀྱི་ནང་ཆོས་ལ་བྱང་ཆུབ་པའི་མཁས་པ་རུ་ཁག་ཅིག་གིས་སྲོལ་རྒྱུན་གྱི་རིན་ཐང་དང་གལ་གནད་རྣམས་མ་བརླག་པའི་ཐོག་གོ་རིམ་ལྡན་པའི་འཆར་བཀོད་ཅིག་འགོ་འཛུགས་བྱས་ཡོད།
རེ་སྒུག་བྱས་པའི་ལས་འཆར་གྱི་དམིགས་ཡུལ།

རེ་སྒུག་བྱས་པའི་ལས་འཆར་གྱི་དམིགས་ཡུལ་ནི་སྒྱུ་རྩལ་དངོས་རིགས་རྣམས་གསལ་པོ་དང་འབྲེལ་གཏུགས་བྱེད་བདེ་བའི་རྣམ་པའི་ཐོག་ནས་སྤྱན་འབུལ་ཞུ་རྒྱུ་དང༌། འགྲེམས་སྟོན་གྱི་གྲུབ་ཆ་དང་གོ་ཡུལ་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་འཆར་བཀོད་ལས་དཔེ་ལེན་རྒྱུ། དངོས་རིགས་རྣམས་གོ་རིམ་ལྡན་པའི་ཐོག་ནས་སྒྲིག་ཤོམ་བྱས་ཏེ་ཉམས་རྒུད་འགྲོ་བ་ལས་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་སླད་འགྲེམས་སྟོན་ཁང་གསར་པ་ཞིག་ལྟ་བུར་ཉམས་གསོ་བྱ་རྒྱུ་དེ་ཡིན། འཆར་བཀོད་གསར་པ་ལ་བརྟེན་ནས་ལྟ་ཞིབ་ཀྱི་ཆ་རྐྱེན་འཐུས་སྒོ་ཚང་བ་དང༌། བློ་སེམས་འགུལ་ནུས་ཀྱི་རིགས་དངོས་སྒྲིག་གཤོམ། དེ་དག་གིས་མཚོན་པའི་སེམས་ཁམས་ཀྱི་སྲོན་རྒྱུན་བཅས་སྒྲུབ་ནུས། འགྲེམས་སྟོན་ཁང་གི་ཁོར་ཡུག་ཁྲོད་སྒྱུ་རྩལ་དངོས་རིགས་ཀྱི་གནས་སྟངས་ངོ་མ་དང་བཙན་བྱོལ་བོད་མིའི་ཆེད་དེ་དག་གི་གནད་དོན་ལ་གུས་བརྩི་བྱེད་པའི་རྩ་ཆེའི་ཁོར་ཡུག་ཅིག་བསྐྲུན་པའི་དམིགས་ཡུལ་བཟུང་ཡོད།

སྔོན་རྩིས་མ་དངུལ།
འགྲེམས་སྟོན་ཁང་ཉམས་གསོའི་ཆེད་ཨི་སི་ར་ཡེལ་དང་རྒྱ་གར་ནང་ལས་དོན་དང་འགྲོ་སོང་ཆེད་སྔོན་རྩིས་མ་དངུལ་རོབ་ཚོད་བྱས་ན་ཨ་སྒོར་ ༡༡༧༠༠ ཙམ་དགོས་ཀྱི་ཡོད། དངུལ་འབོར་དེས་ད་ཡོད་འགྲེམས་སྟོན་གྱི་ས་ཁྱོན་བརྒྱ་ཆ་ ༥༠ ཙམ་རྒྱ་སྐྱེད་དང༌། འགྲེམས་སྟོན་ཁང་གི་ཕྱིའི་བཀོད་པ་སླར་གསོ། འགྲེམས་སྟོན་ཆ་ཚང་བསྐྱར་གསོ། འགྲེམས་སྟོན་ཁང་ནང་གློག་ཆས་གསར་འཛུགས་དང༌།  མཆོད་གློག་འགོ་བརྗོད་འགྲེལ་བཤད་སོགས་ཀྱི་དགོས་མཁོ་གསར་འཛུགས་ཞུ་རྒྱུ། ལས་འཆར་ཡོངས་སུ་རྫོགས་པ་ལེགས་སྒྲུབ་མ་བྱུང་བར་བོད་ཀྱི་གྲོགས་པོ་ཨི་ཛ་རལ་མཁས་དབང་གི་རོགས་སྐྱོར་མུ་མཐུད་ཐུབ་ཕྱིར་འགྲུལ་བཞུད་དང༌བཞུགས་གནས་སོགས་ཀྱི་འགྲོ་གྲོན་ཐད་མ་དངུལ་འདང་ངེས་ཡིན།
ནང་དོན།

ཉམས་གསོའི་ལས་འཆར་གྱི་གཞི་རྩའི་དོ་ནན་བྱེད་ས་ནི། ཆོས་ཉམས་ལེན་གྱི་སྙིང་པོ་ལྟ་བུའི་བོད་ཀྱི་ནང་ཆོས་ཀྱི་སེམས་ཁམས་ཀྱི་རང་བཞིན་ཐོག་ལ་ཡིན། འགྲེམས་སྟོན་འདིས་བོད་ཀྱི་ནང་ཆོས་ལོ་རྒྱུས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌། ཆོས་ལུགས། དེའི་སྒྱུ་རྩལ་དང་རིག་གཞུང༌། བཙན་བྱོལ། རིག་གཞུང་གི་གཅེས་ནོར་སྲུང་སྐྱོབ་དང་ཁྱབ་སྤེལ་བྱ་རྒྱུའི་ཐོག་ལ་ནན་ཏན་བྱ་རྒྱུ་ཡིན། བོད་ཀྱི་སྒྱུ་རྩལ་དངོས་རིགས་དང༌། མི། རང་བྱུང་དང་བཟོ་བཀོད་སྒྱུ་རྩལ་གྱི་ཡུལ་ལྗོངས་ཀྱི་སྐབས་དོན་ལ་བསམ་གཞིགས་བྱ་ཆེད་དེ་དག་གི་ཐོག་མའི་བཀོད་སྒྲིག་དྲན་གསོའི་ཚུལ་དུ་འགྲེམས་སྟོན་ནང་མཉམ་སྡེབ་བྱ་རྒྱུ་ཡིན།
དེས་ན། འགྲེམས་སྟོན་ཁང་དོ་དམ་གྱི་ལྟ་ཚུལ་གནད་དོན་གསུམ་གྱི་ཐོག་ལ་གཞི་བཞག་ཡོད།

དང་པོ། ཡེ་ཤུ་མ་ཤི་ཀའི་ཕྱི་ལོ་ ༦༤༡ ནས་བཟུང་བོད་ནང་རིམ་བཞིན་ནང་ཆོས་གསར་གཏོད་བྱས་པ་དང༌། བོད་ནང་ནང་ཆོས་ཡར་རྒྱས་གཏོང་མཁན་གྱི་སྙན་གྲགས་ཆེ་བའི་རྒྱལ་པོ་དང་མཁས་དབང་། ཐུན་མོང་མ་ཡིན་པའི་དགེ་སློབ་ཀྱི་འབྲེལ་བ་ལ་བརྟེན་ནས་བྱུང་བའི་སློབ་གཉེར་ཁང་བཅས་ཀྱི་ཐོག་ལ་རིག་པ་སྒྲིམ་རྒྱུ་ཡིན། འགྲེམས་སྟོན་ཁང་ནང་མཚོན་འགྲེལ་བྱེད་པའི་ཕྱོགས་བསྡུས་ཀྱི་དངོས་རིགས་མང་ཆེ་བ་དེ་དག་གི་ཐོག་མའི་ཕྱག་དཔེ་ཁག་ཡིན།

གཉིས་པ། བོད་ཀྱི་ནང་ཆོས་ནས་གསུང་པའི་ལམ་གྱི་ཐོག་ལ་རིག་པ་སྒྲིམ་རྒྱུ་དང་སྡེ་ཚན་གསུམ་དུ་འབྱེད་རྒྱུ་ཡིན། དེ་ཡང༌། བཤེས་གཉེན་གྱི་མཆོག་དང༌། གཞན་དོན་གྱི་ཆེད་དུ་འབུང་བ། ཐར་པར་བགྲོད་པའི་ལམ་བཅས་ཡིན།

གསུམ་པ། བཙན་བྱོལ་ནང་མུ་མཐུད་པ། བོད་ཀྱི་དཔེ་མཛོད་ཁང་ནང་སྒྲིག་ཤོམ་གནང་བའི་བོད་ཀྱི་སྒྱུ་རྩལ་དངོས་རིགས་ཀྱི་ལམ་བུ་གསལ་འདོན་བྱེད་ཀྱི་ཡོད། དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཡིན། འགྲེམས་སྟོན་གྱིས་བཙན་བྱོལ་ནང་རྒྱུན་འཛིན་བྱེད་བཞིན་པའི་ད་ཡོད་བོད་ཀྱི་ཆོས་ཕྱོགས་ཀྱི་སྒྱུ་རྩལ་དངོས་རིགས་ཁག་མིག་སྔར་སྟོན་གྱི་ཡོད།


བཟོ་བཀོད་ཀྱི་ཐབས་ལམ། 
འགྲེམས་སྟོན་ཁང་ཉམས་གསོའི་དམིགས་ཡུལ་ནི། ཆོས་ཕྱོགས་ཀྱི་དངོས་པོ་དང་། སྒྱུ་རྩལ་དངོས་རིགས། དེ་དག་གི་སྒྱུ་རྩལ་གྱི་རིན་ཐང་རྣམས་བོད་རིགས་དང་དེ་བཞིན་ཕྱི་རྒྱལ་གཟིགས་སྐོར་བ་རྣམས་ཀྱིས་སྟབས་བདེ་པོར་ལོངས་སྤྱོད་ཐུབ་པའི་ཆེད་དུ་དང༌། ད་ཡོད་ཀྱི་འགྲེམས་སྟོན་ཁང་གི་གོ་ཡུལ་གསར་པ་ཉམས་གསོ་བྱ་རྒྱུ་དང་ལྷན་དུ་བོད་ཀྱི་ནང་ཆོས་ཀྱི་སྙིང་པོ་དང་རིག་གཞུང་གི་ནང་དོན་རྣམས་ནང་ཕན་ཚུན་སྤེལ་རེས་བྱ་རྒྱུ་དེ་ནི་མཐར་ཐུག་གི་དགོས་དོན་ཡིན།
ནང་དོན་དང་སྣང་བརྙན་གྱི་འབྲེལ་གཏུགས། འགྲེམས་སྟོན་གྱི་རྩ་བ་དང་ཡན་ལག་གི་སྡེ་ཚན་རེ་རེ་དམིགས་བསལ་སྒྱུ་རྩལ་དངོས་རིགས་སྡེ་ཚན་རེ་དང་མཉམ་དུ་ཡིག་ཐོག་ནས་ངོ་སྤྲོད་ཐོག་སྒྲིག་ཤོམ་གནང་རྒྱུ་ཡིན། དེའང་དེ་དག་གི་ཆོས་ཕྱོགས་ཀྱི་ནང་དོན་ངོ་སྤྲོད་བྱ་ཕྱིར་ཡིན། དེའི་སྐད་ཡིག་ཕྱུག་པོ་ཡོད་པ་མཚོན་མཁན་དེ་དག་རྒྱས་སུ་བཏང་བའི་འགྲེལ་པའི་མཇུག་ཏུ་དམིགས་བསལ་གྱི་རྣམ་གྲངས་རྣམས་བཀོད་ཡོད།

འགྲེམས་སྟོན་ཁང་གི་ནང་ངོས་སླར་གསོ། བཟོ་བཀོད་གསར་པའི་ཐོག་ལ་བོད་ཀྱི་སྲོལ་རྒྱུན་གྱི་བཟོ་བཀོད་ཀྱི་གྲུབ་ཆ་མཉམ་སྡེབ་བྱ་རྒྱུ། ཞལ་བ་བརྗེ་པོ་རྒྱག་པ་དང་གློག་ཆས་གསར་པ་འཛུགས་པ། ད་ཡོད་ཀྱི་སྒོ་གསར་བརྗེ་བྱེད་པ། སྐས་འཛེགས་ནས་འགྲེམས་སྟོན་ཁང་ནང་གི་བཀོད་པ་མཐོང་ཐུབ་པ་བཅས་བཟོ་རྒྱུ་ཡིན། དེ་བཞིན་སྒྱུ་རྩལ་དངོས་རིགས་རྣམས་གཅེས་སྲུང་ལེགས་པར་བྱ་ཕྱིར་གཞའ་ཚན་དང་དྲོད་ཚད་སོགས་ཀྱི་རྐྱེན་པས་ནང་ཆས་གསར་པ་རྣམས་གནོད་སྐྱོན་མི་ཡོང་བའི་ཆེད་སྔོན་འགོག་གི་ཡོ་བྱད་ཚད་ལྡན་བསྐྲུན་རྒྱུ་ཡིན།

ད་ཡོད་སྲོལ་རྒྱུན་གྱི་ནང་ཆས་རྣམས་བསྐྱར་གསོ་དང་དེའང་བོད་པའི་ལག་ཤེས་པ་རྣམས་ཀྱིས་བསྐྱར་གསོ་བྱ་རྒྱུ་ཡིན། ཁང་པའི་མདུན་ངོས་གཙང་མ་དང་། ནང་ངོས་བརྗེ་པོ་རྒྱག་པ་སོགས་ཀྱི་ལས་རིམ་ད་ཆ་འགོ་བཙུགས་ཟིན།
འགྲེམས་སྟོན་ཁང་གི་ནང་ཆས་གསར་པ་ལག་བསྟར། ནང་ཆས་ཀྱི་བཀོད་པ་རྣམས་བོད་ཀྱི་སྲོལ་རྒྱུན་དང་དེང་དུས་ལག་ཤེས་མི་སྣ་ཟུང་འབྲེལ་ཐོག་ཆེས་གསར་ཤོས་ཀྱི་བཟོ་བཀོད་ཐབས་ལམ་དང༌། དམིགས་བསལ་གྲུབ་ཆ། བདེ་འཇགས་དང་སྔོན་འགོག་ཆེད་ཚད་ལྡན་ཡོ་བྱད་བཅས་བསྐྲུན་རྒྱུ་ཡིན།

ཆག་སྐྱོན་ཤོར་ཆོག་ཆོག་དང་སོང་བའི་རྣམ་གྲངས་ཁག་ཉར་ཚགས། དྷ་རམ་ས་ལའི་གནམ་གཤིས་ནི་འཆར་ཅན་འགྱུར་བ་འགྲོ་སླ་ཞིང་རྒྱ་གར་ནང་བརླན་གཤེར་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་མ་ཟད་ས་ཡོམ་གྱི་ཉེན་ཁ་ཧ་ཅང་ཆེ་བའི་ས་གནས་ཤིག་ཡིན། དེར་བརྟེན་བཟོ་བཀོད་ཀྱི་དམིགས་ཡུལ་ཡང་དེ་དག་སྲུང་སྐྱོབ་བྱ་རྒྱུ་ཡིན་པས། སྲུང་སྐྱོབ་ག་ཚོད་ཐུབ་ཐུབ་བྱ་ཕྱིར་གྲུབ་ཆའི་རྣམ་གྲངས་ཀྱི་སྤུས་ཀ་ལེགས་པོ་དགོས།
མ་འོངས་པའི་བཟོ་བཀོད་ཀྱི་ལྟ་ཚུལ།

འཕྲལ་ཕུགས་གཉིས་ཀའི་རྒྱ་སྐྱེད་ཀྱི་དགོས་མཁོ་སྒྲུབ་ཆེད་རིམ་བཞིན་ཡར་རྒྱས་ཀྱི་འཆར་གཞི་འདིང་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན། སླར་གསོའི་རིམ་པ་དང་པོ་ནི་ད་ལྟའི་འགྲེམས་སྟོན་ཁང་གི་གོ་ཡུལ་ཚུད་ཉེ་འགྲམ་གྱི་འཛིན་ཁང་བཅོས་སྒྱུར་བཏང་བ་ན། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་བརྒྱ་ཆ་ལྔ་བཅུས་ཆེ་རུ་འགྲོ་ཐུབ། ང་ཚོའི་འཆར་གཞིའི་ནང་དོན་ལྟར་ན། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་དཔེ་མཛོད་ཀྱི་ཐོག་བརྩེགས་གཉིས་པ་ཕལ་ཆེ་བ་བདག་བཟུང་བྱ་རྒྱུ་ཡིན་པར་བརྗོད་པ་དང་དེའི་ནང་ད་ཡོད་ཀྱི་རིགས་དངོས་སྒྲིག་ཤོམ་དང༌། ལས་ཁུངས། བཟོ་བཅོས་ཁང་བཅས་གཏོགས་ཡོད།{ཕྱག་དཔེ་ངོ་མ་འཚག་སེལ་ཆེད།}  འགྲེམས་སྟོན་ཁང་རྒྱ་སྐྱེད་བཏང་བས་འབྱུང་འགྱུར། དཔེར་ན། ཆས་གོས་དང༌། ཟློས་གར་གྱི་འབག ནང་ཆས་ལ་སོགས་པའི་མི་རིགས་རྣམ་བཤད་ཀྱི་རྣམ་གྲངས་མང་པོ་ཞིག་འགྲེམས་སྟོན་ཐུབ་ངེས་ཡིན། ཐོག་བརྩེགས་གཉིས་པའི་ནང་གི་འགྲེམས་སྟོན་ཁང་གི་ཕྱོགས་བསྡུས་རིན་ཐང་འཕར་མ་དང་འགྲེམས་སྟོན་ཁང་དང་འབྲེལ་བའི་ཆེད་ལས་ནི་ཚད་ཡོད་ཞལ་བའི་རྒྱ་ཁྱོན་ནང་བདེ་འཇགས་ཀྱི་ཐབས་ལམ་དང་སྔོན་འགོག་གི་ཚད་ལྡན་ཡོ་བྱད་ལག་བསྟར་ཐུབ་པ་བྱ་རྒྱུ་དེ་ཡིན། ཚོད་དཔག་བྱས་པའི་མ་དངུལ་གྱིས་འཆར་གཞི་རིམ་པ་དང་པོ་དེ་སྒྲུབ་པར་དམིགས་ཡོད།