སྡེ་ཚན།

དཔེ་མཛོད་ཁང་ནང་སྡེ་ཚན་བཅུ་ཡོད་པ་ལས།

འཛིན་སྐྱོང༌།

བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལྷན་ཚོགས་འདི་བཞིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་ཀར་གཟིགས་སྐྱོང་ལམ་སྟོན་གནང་བཞིན་ཡོད།



བོད་ཡིག་ཀློག་དེབ་དང་ཕྱག་དཔེ་གསུང་རྟེན་ཁང༌།

ད་ལྟའི་ཆར་དཔེ་མཛོད་ཁང་འདིའི་ནང་ཕྱག་དཔེ་དང་བོད་ཡིག་ཡིག་ཆ་གྲངས་ ༡༠༠༠༠༠  ལྷག་ཉར་ཚགས་བྱས་ཡོད།


དབྱིན་སྐད་སྡེ་ཚན།

དབྱིན་སྐད་སྡེ་ཚན་ནང་དབྱིན་ཡིག་ཀློག་དེབ་གྲངས་ ༡༡༠༠༠ ལྷག་ཡོད་པ་དང་། དེ་མིན་གྱི་ཕྱི་རྒྱལ་སྐད་ཡིག་ཐོག་ནང་ཆོས་དང་བོད་ཀྱི་གནད་དོན་སྐོར་གྱི་དཔེ་དེབ་མང་པོ་ཡོད།


ངག་རྒྱུན་ལོ་རྒྱུས་སྡེ་ཚན།

ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་བོད་མི་རྒན་རབས་མང་པོར་ལོ་རྒྱུས་བཅར་འདྲི་སྒྲ་འཇུག་དང་འབྲེལ་ཡིག་འབེབས་དཔར་འགྲེམས་ཞུ་བཞིན་ཡོད་པ་ལས་ད་ལྟའི་ཆར་དེབ་ཕྲེང་ ༣༦ ཙམ་ལ་སླེབས་ཡོད།

སྒྲ་འཇུག་དང་བརྙན་དཔར་སྡེ་ཚན།

བོད་དང་བོད་མི་དང་འབྲེལ་བའི་སྒྲ་བརྙན་བསྡུ་འཇུག་དུས་ཡུན་ཆུ་ཚོད་ ༢༧༠༠༠ ལྷག་གི་སྒྲ་འཇུག་ཉར་ཚགས་བྱས་པའི་ཁར། འདྲ་པར་དང་ཡིག་ཆ་གྲངས་ ༦༠༠༠ ལྷག་གི་ཡིག་མཛོད་ཡོད།

ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན།

སྡེ་ཚན་འདིས་ཆེད་མངགས་ཉམས་ཞིབ་དང། ཡིག་སྒྱུར། དེ་བཞིན་ནང་ཆོས་དང། བོད་ཀྱི་སྐད་ཡིག  རིག་གཞུང། ཟབ་སྦྱོང་སོགས་ཀྱི་འཛིན་གྲྭ་གོ་སྒྲིག་ཞུ་བཞིན་ཡོད།

རིག་གཞུང་ཉམས་ཞིབ་སྡེ་ཚན།

སྡེ་ཚན་འདིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་དེབ་ཐོག་ཞིབ་འཇུག་དང་དཔར་སྐྲུན་བྱེད་ཀྱི་ཡོད།

འགྲེམས་སྟོན་ཁང་།

བོད་ཀྱི་དཔེ་མཛོད་ཁང་གི་ཐོག་བརྩེགས་གཉིས་པར་སྣ་མང་རིག་དངོས་ཁག་འགྲེམས་སྟོན་ཞུ་བཞིན་ཡོད།

དཔར་སྐྲུན་སྡེ་ཚན།

ང་ཚོས་ད་བར་ནང་པའི་ལྟ་གྲུབ་དང༌བོད་ཀྱི་རིག་གཞུང་དང་འབྲེལ་བའི་དབྱིན་ཡིག་དཔེ་དེབ་གྲངས་ ༢༥༠ ལྷག་དང་བོད་ཡིག་དཔེ་དེབ་གྲངས་ ༢༣༠ ལྷག་དཔར་སྐྲུན་ཞུས་ཁར། ཧིན་དིའི་དཔེ་དེབ་དང། ལོ་རེར་བོད་ཀྱི་དུས་དེབ་སོགས་དཔར་སྐྲུན་ཞུ་བཞིན་ཡོད།

ཚན་རིག་སྡེ་ཚན།

༸གོང་ས་མཆོག་གི་ཐུགས་དགོངས་བཞིན་སྡེ་ཚན་འདིས་དགོན་སྡེ་ཁག་ནང་དེང་དུས་ཀྱི་ཚན་རིག་སློབ་སྦྱོང་སྤྲོད་པ་དང། ཚན་རིག་གི་ཐ་སྙད་དང་དཔེ་དེབ་སོགས་ཡིག་སྒྱུར་ཞུ་བཞིན་ཡོད།

འབྲེལ་ཡོད་འབྲེལ་བྱང་།