དཔར་སྐྲུན་སྡེ་ཚན།

ཕྱི་ལོ་ ༡༩༧༢ ལོར་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་བའི་དགོས་པ་དང་རྒྱུ་མཚན་གཙོ་བོ་གཅིག་ནི་བོད་ཀྱི་དཔེ་མཛོད་ཁང་གི་དམིགས་འདུན་ལྟར་བོད་ཀྱི་རིག་གཞུང་དང༌། ལོ་རྒྱུས། རྩོམ་རིགས། ལྟ་གྲུབ། སྲོལ་རྒྱུན་གྱི་རིག་གནས་སོགས་ཀྱི་ཕྱག་དཔེ་ཁག་ཕྱོགས་སྒྲིག་དང༌། ཕབ་སྒྱུར། དཔར་སྐྲུན་བྱ་རྒྱུ་དེ་ཡིན། དེར་བརྟེན་ཕྱི་ལོ་ ༡༩༧༣ ལོར་དབྱིན་ཡིག་དཔར་སྐྲུན་སྡེ་ཚན་གྱིས་ལས་འགོ་བཙུགས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་ལས་རྟགས་འཁོད་པའི་དཔེ་དེབ་སྣ་མང་ཞིག་དཔར་སྐྲུན་བྱས་དང་བྱེད་མུས་ཡིན།

འབྲེལ་ཡོད་གནས་ཚུལ།

བོད་ཡིག་དཔར་སྐྲུན་སྡེ་ཚན།
སྡེ་ཚན་འདིས་བོད་རིག་པ་དང་འབྲེལ་བའི་དཔེ་དེབ་མང་དག་ཅིག་དཔར་སྐྲུན་ཞུས་ཏེ་ས་ཕྱོགས་གང་སར་འགྲེམས་སྤེལ་དང། དེ་བཞིན་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་ལྷན་དུ་མཉམ་སྦྲེལ་ཐོག་དཔེ་དེབ་མང་པོ་ཞིག་དཔར་སྐྲུན་ཞུ་གི་ཡོད། ཆ་སྙོམ་ལོ་རེར་དཔེ་དེབ་དྲུག་དང། ཕྱི་ལོ་ ༡༩༧༢ ནས་བཟུང་ད་བར་དཔེ་དེབ་མི་འདྲ་བ་གྲངས་ ༡༤༢ ཙམ་དཔར་སྐྲུན་ཞུས་ཡོད།

ཧིནྡྀ་དང་ཨིན་སྐད་དཔར་སྐྲུན་སྡེ་ཚན།
སྡེ་ཚན་འདིས་ནང་པའི་ལྟ་གྲུབ་དང་འབྲེལ་བའི་དཔེ་དེབ་ཁག་དཔར་སྐྲུན་བྱེད་རྒྱུར་ཤུགས་སྣོན་དང༌། དེ་བཞིན་བོད་ཀྱི་ཁང་པའི་བཟོ་བཀོད་སྐོར་དང་། དེ་བཞིན་ལོ་རྒྱུས། ཆབ་སྲིད། གསོ་བ་རིག་པ། སྐད་ཡིག དམངས་ཁྲོད་རིག་གཞུང། གཏམ་དཔེ་སོགས་ཀྱི་སྐོར་ལ་དཔེ་དེབ་དཔར་སྐྲུན་ཞུ་བཞིན་ཡོད།

ཚན་རིག་དུས་དེབ།
ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་བོད་ཡིག་ནང་ལོ་རེར་ཚན་རིག་དུས་དེབ་ཐེངས་གཅིག་འདོན་གྱི་ཡོད། དུས་དེབ་ནང་ཚན་རིག་སྐོར་རྩོམ་བྲིས་དང་དཔྱད་རྩོམ་ཁག་བོད་སྒྱུར་བྱས་པ་དང་། བོད་པའི་མཁས་དབང་དང་དགེ་འདུན་པ་རྣམས་ཀྱིས་དཔྱད་བསྡུར་གྱི་ལམ་ནས་འཇུག་ཕྱིར་སློབ་ཚན་འདྲ་མིན་བོད་སྒྱུར་ཞུས་པ་ཁག་དཔར་སྐྲུན་ཞུ་བཞིན་ཡོད།

ཚན་རིག་གསར་འཕྲིན།
ཚན་རིག་གསར་འཕྲིན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བྱུང་བའི་ཚན་རིག་གི་གསར་འཕྲིན་དང་པོ་དེ་ཆགས་ཡོད། ཕྱི་ལོ་ ༢༠༠༦ ནས་འགོ་བཙུགས་ཏེ་ལོ་རེར་ཐེངས་བཞི་འདོན་ཞིང་། དེའི་ནང་འཇིག་རྟེན་ཁམས་ཀྱི་རིག་པ་དང༌། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། ཚན་རིག་པའི་ལོ་རྒྱུས། ནང་ཆོས་དང་ཚན་རིག་སོ་སོར་འབྲེལ་བའི་རྩོམ་བྲིས་སོགས་འདོན་གྱི་ཡོད།

བོད་ཀྱི་དུས་དེབ།
ཕྱི་ལོ་ ༡༩༧༥ ལོ་ནས་བཟུང་དབྱིན་ཡིག་ཐོག་ཡོད་པའི་བོད་ཀྱི་དུས་དེབ་ཞེེས་པ་དེ་བཞིན་ལོ་རེར་ཐེངས་བཞི་དཔར་སྐྲུན་དང། དེ་ཡང་དཔེ་དེབ་བསྐྱར་ཞུ་བྱེད་པ་སོགས་བོད་ཀྱི་ལོ་རྒྱུས་དང༌། སྒྱུ་རྩལ། ལྟ་གྲུབ། རྩོམ་རིག སྐད་ཡིག་བཅས་ཀྱི་སྐོར་འཁོད་ཡོད།

ཧིནྡྀའི་དུས་དེབ།
སྡེ་ཚན་འདི་དབུ་བརྙེས་པ་ནས་བཟུང༌། དཔེ་དེབ་ཁག་དྲུག་འགྲེམས་སྤེལ་ཞུས་པ་དང་ལོ་ཕྱེད་དུས་དེབ་བོ་ཊ་ལྦ་ནི་(Bhotvani)ཞེས་པ་ཞིག་༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་མཁས་དབང་དང་། ཆེད་ལས་པ། གནས་ཡོད་མི་སྣ་ཁག་ལྷན་བཞུགས་ཐོག་བཀའ་བློན་ཁྲི་པ་མཁས་དབང་ཟབ་གདོང་རིན་པོ་ཆེས་དབུ་འབྱེད་གནང༌།

འབྲེལ་ཡོད་མི་སྣ།

ཚེ་རིང་རྣམ་རྒྱལ།
དཔར་སྐྲུན་འགན་འཛིན།