ནང་ཆོས་འཛིན་གྲྭ་གཉིས་པ།

དགེ་རྒན། དགེ་བཤེས་བློ་བཟང་བརྩོན་འགྲུས།
གཟའ་ཟླ་བ་ནས་སྤེན་པ། ཕྱག་ཚོད་ ༡༡།༣༠ ནས་ ༡༢།༤༥
གསུང་སྒྱུར་བ། ཇུ་ལི་ཡ་ཝིལ་སོན་དང་ཚེ་རིང་ནོར་བུ།

ནང་ཆོས་འཛིན་གྲྭ་གཉིས་པ།


དགེ་རྒན།

དགེ་བཤེས་བློ་བཟང་བརྩོན་འགྲུས།
དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནི་བོད་དབུས་རྭ་སྒྲེང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་བོད་སེ་ར་དགོན་དུ་ནང་ཆོས་སློབ་གཉེར་གནང་འགོ་བཙུགས། ཕྱི་ལོ་ ༡༩༨༥ ལོར་བོད་ནས་བཙན་བྱོལ་དུ་ཕེབས་རྗེས་བྱེས་ཀྱི་གདན་ས་སེར་བྱེས་སུ་མུ་མཐུད་སློབ་གཉེར་གནང། ཕྱི་ལོ་ ༡༩༨༣ ལོར་བསླབ་པ་མཐར་སོན་གྱིས་དགེ་བཤེས་ཀྱི་མཚན་སྙན་ཐོབ། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ལོ་གཅིག་རིང་གསང་སྔགས་སློབ་སྦྱོང་གནང༌། དེ་རྗེས་བལ་ཡུལ་ཀོ་པན་བཙུན་དགོན་དུ་ནང་ཆོས་དགེ་རྒན་གནང་། ཕྱི་ལོ་ ༢༠༠༥ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་ཀྱིས་ཆོས་དགེ་ཕྱག་ལས་གནང་བཞིན་ཡོད།

གསུང་སྒྱུར་བ།

ཚེ་རིང་ནོར་བུ་ལགས།
ཁོང་ནི་དྷ་ས་རིགས་ལམ་སློབ་གཉེར་ཁང་ནས་སློབ་དཔོན་གྱི་མཚན་གནས་དང་མཉམ་པའི་དབུ་མ་རབ་འབྱམས་པ་དང། བོད་ཀྱི་རིག་གནས་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས་ཏེ། ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡོད།
ཇུ་ལི་ཡ་ཝིལ་སོན།
ཁོ་མོ་ནི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་(California State University, San Francisco)ནས་རིག་གཞུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ལག་སོན་བྱུང་ཞིང། ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་༢༠༠༦ནས་༢༠༠༨བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐད་སློབ་སྦྱོང་གནང། ཕྱི་ལོ་༢༠༠༨ནས་བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་སློབ་གཉེར་དང་སྐད་སྒྱུར་གནང་བཞིན་ཡོད།།