གསར་གནས།
















ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༤ ཉིན།
ཧོ་ཇོ་ཀོ་ལིན་ཌར་མཐོ་རིམ་སློབ་གྲྭ་ནས་ཕེབས་པའི་ཌན་མཀ་སློབ་ཕྲུག་ཉི་ཤུར་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་ནས་བཀའ་སློབ་གསུང་བཤད་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཉིན།
ཚད་རྡུལ་དངོས་ཁམས་རིག་པ་དང་དབུ་མའི་ལྟ་བའི་ཚོགས་ཆེན་གྱི་མཇུག་སྡོམ་ཚོགས་ཐུན་སྐབས་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་ནང་དོན་རིག་པའི་གཞུང་གི་སྤྱི་བཤད་དང་འབྲེལ་བའི་གསུང་བཤད་གནང་།


ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༧ ཉིན།
རྒྱ་གར་གྱི་གྲོང་ཁྱེར་ཅཱེ་ནེའི་ནང་བརྟན་གཞི་བྱས་པའི་རྒྱལ་སྤྱིའི་ཨ་མི་རི་ཀའི་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་ལ་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་ནང་ཆོས་དང་རིག་གཞུང་སྐོར་ལ་བཀའ་སློབ་གསུང་བཤད་གནང་།


ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ ཉིན།
ཀར་ཛི་གིསྟན་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ཅན་གྱི་ཆེད་ལས་པ་སྲས་མོ་འཇམ་བེ་ཞཱུ་སུ་བྷ་ལེ་ཝ་ (Jamby Djusubalieva) དང་། ཁོང་གི་ཡབ་ཆེན་མཆོག་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ཕེབས་ཞོར་འདི་གའི་འགན་འཛིན་དང་ལྷན་དུ་མཇལ་མོལ་གནང་།


ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༨ ཉིན།
ཤར་ཟུར་བཀྲ་ཤིས་དང་ཁོང་གི་བུ་མོ་གཉིས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བྱིས་པ་ཚོའི་ཆེད་དུ་རྩོམ་བསྒྲིགས་དང་གཏོང་ལེན་གནང་བའི་འོད་སྡེར་སེམས་གཞས་ཞེས་པ་འདི་ག་དཔེ་མཛོད་དྲ་ཚིགས་ནས་རིན་མེད་ཕབ་ལེན་དང་གསན་གཟིགས་གནང་རྒྱུ་ཡོད།


14th August 2015, Wednesday
LTWA Director, Geshe Lhakdor la gave a talk on the importance of moral ethics to the students & staff of Mussoori Woodstock School of India who visited at LTWA


H.H. the 17th Gyalwa Karmapa during his visit to the LTWA on 12th October 2015. His Holiness has regularly been visiting the institute to study and refer to the resources.


Day 3 (and final day) of Cosmology and Consciousness IV - Emptiness and Quantum Mechanics


[Day 02] International Conference on Cosmology and Consciousness held at Namdroling Monastery, Bylakuppee


The director giving a talk organised by FPMT Moscow


The director, Geshe Lhakdor giving a public talk in Moscow


30th September 2015, Wednesday
Education Minister Ngodup Tsering inaugurated the photo exhibition titled ‘Journey into Tibet with Lowell Thomas & Lowell Thomas Jr.’ at LTWA, which as attended, among others, by Speaker of the Tibetan parliament Penpa Tsering and daughter of Lowell Thomas Jr, Anne Thomas


Journey into Tibet with Lowell Thomas & Lowell Thomas Jr. Venue: LTWA Conference Hall. From: 7th-21st October 2015


The LTWA director, Geshe Lhakdor, meeting with the scientists of the Tuvan State University.


Junior students from the Tuva State University listening to the director, Geshe Lhakdor's talk on Polylinguism and Tolerance.


The director, Geshe Lhakdor, giving few sessions of training on the Basics of Religion and Secular Ethics


The LTWA director, Geshe Lhakdor la, with the Rector and her team of Tuvan State University, with whom LTWA has exchange collaboration.


30th September 2015, Wednesday
The tenth three-month long Intensive Translation Program starting 1 July wound up successfully with a ceremonial function held on 30 September. The occasion was graced by the Secretary of the Department of Religion and Culture, CTA, Mr. Dhondup Dorjee la. The participants were awarded certificates by the Secretary in presence of the LTWA General Secretary and the faculty members.


29nd August 2015, Tuesday
A Panel Discussion on Education System of Tibetans in Exile, organized by Voice of Tibet (VOT), hosted at LTWA conference hall.


29nd September 2015, Tuesday
Mr. Karma Dakpa, former staff of LTWA and a well-experienced diviner, gave a talk on Tibetan ceremonies and funeral rites for the dead to the students of Translation workshop on September 29, 2015


28th September 2015, Monday
The director, Geshe Lhakdor la, speaking on Modern Education In Buddhism to the students of Tyva State University


28th September 2015, Monday
The director, Geshe Lhakdor, spoke on Buddhist Ethics in Daily Life to the students of Kyzyl College of Arts in Tuva


23rd September 2015, Wednesday
The director, Geshe Lhakdor, addressed the Conference on Religious Harmony on the occasion of the twentieth anniversary of the church and the tenth anniversary of the Buddhist temple in Kalmykia, Russia. It was attended by around 200 people with the representatives from Christian,


ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ ཉིན།
ཡུ་རོབ་དང། ཨ་རི། ཨི་ཤ་ཡ་སོགས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༤༢ ལ་དུས་ཚིགས་གཉིས་པའི་ཟླ་གསུམ་སྐད་ཡིག་འཛིན་གྲྭ་མཐར་ཕྱིན་པར་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ཕྱག་འཁྱེར་གསོལ་སྩལ་གནང།


བསླབ་པ་མཐར་སོན་པའི་གྲྭ་བཙུན་གྲངས་ ༣༠ སྐོར་ལ་ཟླ་གཅིག་རིང་ཚན་རིག་ཟབ་སྦྱོང་།
བདུན་ཕྲག་བཞིའི་རིང་བྷེལ་ཀོབ་རྣམ་གྲོལ་གླིང་དགོན་པར་རིས་མེད་ཆོས་སྡེ་ཁག་ནས་བསླབ་པ་མཐར་སོན་པའི་གྲྭ་བཙུན་གྲངས་ ༣༠ སྐོར་ལ་ཟླ་གཅིག་རིང་ཚན་རིག་ཟབ་སྦྱོང་གནང་བཞིན་ཡོད་པ་དང། བདུན་ཕྲག་དང་པོའི་ནང་ཕྱི་རྒྱལ་ཚན་རིག་དགེ་རྒན་གཉིས་དང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་བྱེད་གསུམ་ནས་ཚན་རིག་དང་མཐུན་པའི་རྟག་དཔྱད་བྱེད་ཚུལ་ཐད་ཐབས་ལམ་སྟབས་བདེའི་ཐོག་ནས་ངོ་སྤྲོད་ལག་བསྟར་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ ཉིན།
ཐེངས་བཅུ་པའི་རྩོམ་སྒྱུར་ཟབ་སྦྱོང་གི་སློབ་ཕྲུག་ཡོངས་ནས་དགེ་རྒན་དུས་ཆེན་སྲུང་བརྩི་དང་འབྲེལ་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས།


ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ ཉིན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གཞུང་ཞབས་པ་བྱམས་པ་བསྟན་འཛིན་ལགས་ནས་ཐེངས་བཅུ་པའི་རྩོམ་སྒྱུར་ཟབ་སྦྱོང་གི་སློབ་མ་རྣམས་ལ་ཡིག་སྒྱུར་སྐོར་ལ་གཏམ་བཤད་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན།
མཱ་ནི་པུར་མངའ་སྡེའི་ཤེས་ཡོན་བློན་ཆེན་གོང་མ། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ཌོག་ཊར་ཐཱོག་ཆཱོམ་མཱེན་ཉཱ་མཆོག་དང་ཁོང་གི་སྐུ་ཟླ་རྣམ་གཉིས་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་ཕེབས།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན།
དབང་རྩའི་གཤག་བཅོས་མཁས་དབང་ཨི་ཛཱེག་ཕཱེ་རེ་ཌི་མཆོག་གིས་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་མིའི་ཀླད་པའི་ནང་གི་དྲན་པ་དང་འདོད་པའི་བྱེད་ལས་སྐོར་ལ་གཏམ་བཤད་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ ཉིན།
ལོ་དྲུག་གི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དམིགས་བསལ་མཇལ་ཁ་བཀའ་དྲིན་སྩལ།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༢ ཉིན།
དཔེ་མཛོད་ཁང་གི་ཆོས་དགེ་དམ་པ་དགེ་བཤེས་བསོད་ནམས་ཪིན་ཆེན་ལགས་ཀྱི་གསུང་སྒྱུར་ལོ་མང་གནང་མྱོང་བའི་ལྕམ་རུདྡུ་བསོད་ནམས་ལགས་ནས་རྩོམ་སྒྱུར་ཟབ་སྦྱོང་གི་སློབ་མ་རྣམས་ལ་སྐད་སྒྱུར་བྱེད་ཚུལ་ཐད་ཁོང་གི་ཉམས་མྱོང་དང་གྲ་སྒྲིག་གནང་སྟངས་སོགས་བློ་སྒོ་འབྱེད་ནུས་ཀྱི་ལམ་སྟོན་གསུང་བཤད་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༤ ཉིན།
བཙན་བྱོལ་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་སྙན་ངག་པ་སྐུ་ཞབས་བུ་ཆུང་ལགས་ནས་རྩོམ་སྒྱུར་ཟབ་སྦྱོང་གི་སློབ་ཕྲུག་རྣམས་ལ་དབྱིན་ཡིག་ཐོག་རྩོམ་བྲིས་དང་སྙན་ངག་འབྲི་ཚུལ་སྐོར་ལ་ཁོང་གི་ཉམས་མྱོང་དགོངས་ཚུལ་གསུངས།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༣ ཉིན།
ཐེངས་འདིའི་རེས་གཟའ་པ་སངས་ཉིན་རྩོམ་སྒྱུར་ཟབ་སྦྱོང་གི་གཏམ་བཤད་ལེ་ཚན་ནང་བོད་ཀྱི་བུད་མེད་སྙན་ངག་པ་ཚེ་རིང་དབང་མོ་ལགས་ནས་སློབ་ཕྲུག་ཚོར་དབྱིན་ཡིག་དང་སྙན་ངག་འབྲི་སྟངས་སྐོར་ལ་ཁོ་མོའི་ཉམས་མྱོང་དང་དགོངས་ཚུལ་ལྷུག་པོར་གསུངས།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན།
བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་གདན་ས་ཁག་གི་གྲྭ་བཙུན་སྐོར་ཞིག་ལ་བདུན་ཕྲག་གཉིས་རིང་ཚན་རིག་ཟབ་སྦྱོང་འབུལ་མུས་དང། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྲྭ་བཙུན་རྣམས་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ཕེབས།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༧ ཉིན།
༸གོང་ས་མཆོག་གི་རྒྱ་སྐད་གསུང་སྒྱུར་གནང་མཁན་སྐུ་ཞབས་འཇམ་དབྱངས་རིན་ཆེན་ལགས་ནས་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ནང་ཞུགས་མཁན་སློབ་ཕྲུག་ཚོར་སྐད་སྒྱུར་དང་ཡིག་སྒྱུར་སྐོར་ལ་ཁོང་གི་ཉམས་མྱོང་དགོངས་ཚུལ་གསུངས་ཡོད།


ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༧ ཉིན།
དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འཆར་འཕར་མཛད་སེང་ནམ་བྱུང་ལ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་ཆིབས་བསྒྱུར་གནང་མུས་ལྟར། འདི་ཟླའི་ཚེས་ ༧ ཉིན་རྒྱབ་ཏུ་འདི་གར་སྣ་མང་ཕྱག་དཔེ་ཁག་ལ་གཟིགས་ཞིབ་དང་འབྲེལ་རྒྱ་ཡིག་དཔེ་ཁང་དུ་ཆེད་ཕེབས་གནང།


ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༨ ཉིན།
༸གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ནང་ཞུགས་མཁན་སློབ་ཕྲུག་ཚོར་དབྱིན་སྒྱུར་བྱེད་སྟངས་སྐོར་ལ་ཁོང་གི་དགོངས་ཚུལ་དང་ཉམས་མྱོང་གསུངས་ཡོད།


གུ་རུ་ཀུལ་གཙུག་ལག་ཁང་གིས་གོ་སྒྲིག་འོག་རྒྱ་གར་སློབ་ཕྲུག་ཁག་གཅིག་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས་གོ་རྟོགས་སྤེལ་རྒྱུའི་ལས་འཆར་ལེགས་གྲུབ་ཟིན་རྗེས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་ལྷན་དུ།


འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་པ་འགོ་འཛུགས་དང་འབྲེལ་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་དང། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྐུ་ཞབས་སྟོབས་རྒྱལ་ལགས་དང་། དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག། དེ་བཞིན་ཟབ་སྦྱོང་གོ་སྒྲིག་པ་དང་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༣༩ འཛོམས་ཡོད།

 
ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ ཉིན།
དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འཆར་འཕར་མཛད་སེང་ནམ་བྱུང་ལ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་ཆིབས་བསྒྱུར་གནང་མུས་ལྟར། འདི་ཟླའི་ཚེས་ ༡༨ ཉིན་རྒྱབ་ཏུ་འདི་གར་སྣ་མང་ཕྱག་དཔེ་ཁག་ལ་གཟིགས་ཞིབ་གནང་བར་ཕེབས།


ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ ཉིན།
རྒྱ་གར་དབུས་གཞུང་གི་གཞུང་ཞབས་མི་སྣ་ཁག་གཅིག་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་འཆར་འོག་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དུ་ཕེབས་ཡོད།


ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༢ ཉིན།
བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་ 《བོད་ཀྱི་རིག་གཞུང་ཟབ་སྦྱོང》 ཟླ་བ་གཉིས་ཀྱི་དུས་ཡུན་ཅན་འདི་ཉིད་གྲུབ་པའི་མཇུག་སྡོམ་མཛད་སྒོར་ཟབ་སྦྱོང་ནང་ཞུགས་མཁན་སློབ་མ་གྲངས་ཉི་ཤུ་ལྷག་ལ་ཕྱག་འཁྱེར་སྩལ་ཡོད། སློབ་མ་རྣམས་ནི་འཛིན་རིམ་བཅུ་གཉིས་ཐོན་པ་དང་ས་ཕྱོགས་འདྲ་མིན་ནས་ཕེབས་པ་ཡིན་འདུག


སྐད་ཡིག་འཛིན་གྲྭའི་མཇུག་སྡོམ་མཛད་སྒོ།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ཉིན།
དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ལྷོ་ཨ་ཕཱི་རི་ཀཱ་ནས་ཕེབས་པའི་ཕྱི་རྒྱལ་བའི་སྐུ་མགྲོན་སྐོར་ཞིག་ལ་གསུང་བཤད་གནང་རྗེས་ཁོང་རྣམས་དང་ལྷན་དུ།


ཟབ་སྦྱོང་གསལ་བསྒྲགས།
ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་ཟླ་ ༩ ཚེས་ ༣༠ བར་ཟླ་གསུམ་རིང་བོད་ཀྱི་དཔེ་མཛོད་ཁང་ནས་ཡིག་སྒྱུར་ཟབ་སྦྱོང་ཐེངས་བཅུ་པ་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་འཛུལ་ཞུགས་གནང་བློ་ཡོད་རིགས་ནས་ཟླ་ ༦ ཚེས་ ༢༦ འགྱངས་མེད་འདི་གའི་ཡིག་ཚང་དུ་འཚང་སྙན་འབུལ་དགོས་པའི་གསལ་བརྡར།


ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
ཊེལ་ ཨཱ་ཝི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་། ཉམས་ཞིབ་པ། མཁས་དབང་རྣམས་ནས་དམིགས་གཏད་དང། དྲན་ཤེས། བསམ་གཏན་སོགས་ཀྱི་སྐོར་ལ་དྲི་བ་ཕུལ་བར་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་ལན་འདེབས་གནང་བཞིན་པ།


ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༣ རེས་གཟའ་སྤེན་པ།
འདི་གའི་འགན་འཛིན་མཆོག་ནས་ཉིན་གཉིས་རིང་ཨི་ཛི་རལ་ས་གནས་ནཱིཝ་ཤཱ་ལོམ་དུ་ལས་འབྲས་སྐོར་ལ་གཏམ་བཤད་གནང་རྗེས་སློབ་ཕྲུག་རྣམས་དང་ལྷན་དུ།


ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།
རྣམ་དཔྱོད་ལྡན་པའི་འཚོ་བ་སྐྱེལ་སྟངས་དང། བུ་ཕྲུག་སྐྱོང་སྟངས། སློབ་སྦྱོང་བྱེད་སྟངས་ཐོག་སྐུ་ཞབས་ཇཱོན་ཇོ་སཻབ་ལགས་ནས་གཏམ་གཤད་སྤེལ་བཞིན་པ།


ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༩ ཉིན།
ཀ་ན་ཊ་ཀའི་མངའ་སྡེར་ཡོད་པའི་སེར་འབྲས་དགའ་གསུམ་དུ་ཟླ་བ་གཅིག་གི་ཨེ་མོ་རེ་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་དེ་སྤྱི་ཟླ་ ༥ ཚེས་ ༡༩ ཉིན་འགོ་བཙུགས་ཡོད།
 
ཆོས་བརྡ།
དྷ་ས་བོདཀྱི་དཔེ་མཛོད་ཁང་གི་ཆོས་དགེ་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་ཕྱག་འཚལ་དང་། མཆོད་པ། སྐོར་བ་སོགས་ཀྱི་ཕན་ཡོན་སྐོར་ཆོས་ཁྲིད་གནང་རྒྱུ།

 
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༥ ཉིན།
དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་། ཨེ་ཛི་རལ་གྱི་རིག་གནས་འགྲེམས་སྟོན་ཁང་གི་འགན་འཛིན། བོད་ཀྱི་དཔེ་མཛོད་ཁང་གི་འགྲེམས་སྟོན་ཇུས་འགོད་པ་ལྕམ་རཱེ་ཅལ། ཨེ་ཛི་རལ་གྱི་བོད་ཀྱི་གྲོགས་པ་ཁག་ཅིག

  
དགེ་བཤེས་ལྷག་རྡོར་དང་ཟླ་བ་གཉིས་རིང་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་སྦྱོང་ལ་བཞུགས་མཁན་སློབ་ཕྲུག་དང་དགེ་རྒན།

slide1
ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༩ རེས་གཟའ་ཉི་མ།
དཔེ་མཛོད་པར་པ་བསོད་ནམས་ཚེ་རིང་དང་། ངག་རྒྱུན་ལོ་རྒྱུས་ཚན་པའི་བཀྲ་ཤིས་ཚེ་རིང་། བརྙན་པར་ཇུས་འགོད་པ་པ་སངས་ཚེ་རིང་གསུམ་རྡོར་རྗེ་གླིང་དང་འབྲས་ལྗོངས་སུ་བོད་ཀྱི་ངག་རྒྱུན་ལོ་རྒྱུས་འཚོལ་སྒྲུབ་དང་དགོན་སྡེ་དགོན་ཁག་སོགས་བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་བརྙན་པར་བསྡུ་ལེན་ཆེད་ཕྱིར་བསྐྱོད།
slide2
ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག་སྐོར་གྱི་ལོ་དྲུག་གི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་མཛད་སྒོ།
slide3
སྤེལ་ཚེས། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༣ རེས་གཟའ་ཟླ་བ།
འདི་ཟླའི་ཚེས་ ༢༠ ནས་ ༢༤ བར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་སྒྲོལ་མ་ཉི་ཤུ་རྩ་གཅིག་སྐོར་གྱི་ནང་ཆོས་སློབ་ཁྲིད་གནང་རྒྱུའི་གསལ་བསྒྲགས་སུ།
slide4
སྤེལ་ཚེས། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༣༨ རེས་གཟའ་སྤེན་པ།
སེམས་བསྐྱེད་ཚུལ་དང་སེམས་བསྐྱེད་གཉིས་ཀྱི་ཁྱད་པར་ཟེར་བའི་བརྗོད་བྱའི་འོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཆོས་དགེ་དགེ་བཤེས་བརྩོན་འགྲུས་ལགས་ཀྱི་ཆོས་ཀྱི་སློབ་ཁྲིད་གནང་རྒྱུ།
slide6
སྤེལ་ཚེས། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༤ རེས་གཟའ་མིག་དམར།
དྷ་ས་བོདཀྱི་དཔེ་མཛོད་ཁང་གི་ཆོས་དགེ་དགེ་བཤེས་ལྷ་རམ་པ་རྒྱལ་མཚན་ཚེ་རིང་ལགས་ནས་ཕྱག་མཆོད་སྐོར་ར་སོགས་ཀྱི་ཕན་ཡོན་སྐོར་ཆོས་ཁྲིད་གནང་རྒྱུའི་གསལ་བསྒྲགས།