འགྲེམས་སྟོན་ཁང་ཉམས་གསོ།

འདས་པའི་ལོ་ངོ་དེ་དག་ནང༌། དཔེ་མཛོད་ཁང་འདིར་འགྱུར་བ་མང་པོ་ཞིག་དང་ཡར་རྒྱས་མང་པོ་ཞིག་ཕྱིན་ཡོད། དུས་ཡུན་དེའི་རིང༌། རྨང་གཞིའི་འཛུགས་སྐྲུན་གསར་པ་ལག་བསྟར་བྱས་པ་བརྒྱུད་ང་ཚོས་དཔེ་མཛོད་ཁང་གི་ནུས་ཤུགས་དངོས་སུ་རྒྱ་བསྐྱེད་གཏོང་བ་དང་འབྲེལ་བའི་ལས་གཞི་སྣ་ཚོགས་ཤིག་འགོ་འཛུགས་བྱས་ཡོད།

འབྲེལ་ཡོད་གནས་ཚུལ།

འགྲེམས་སྟོན་ཁང་ཉམས་གསོ།
འགྲེམས་སྟོན་ཁང་འདིའི་ནང་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་སྒྱུ་རྩལ་དངོས་རིགས་གྲངས་ཆིག་སྟོང་ལྷག་གི་ཕྱོགས་བསྡུས་རྣམས་འཛམ་གླིང་ནང་རིན་ཐང་ཆེ་ཤོས་ཀྱི་གྲས་སུ་བཞུགས་ཡོད། འགྲེམས་སྟོན་ཁང་ནང་བཞུགས་པའི་སྒྱུ་རྩལ་གྱི་དངོས་རིགས་མང་པོ་ཞིག་སྔོན་ཆད་དགོན་སྡེ་ཁག་ནང་དར་རྒྱས་ཕྱིན་པ་དང་བོད་ནང་གི་ཆོས་ཕྱོགས་ཀྱི་མི་ཚེའི་དྲན་གསོ་བྱེད་པོ་ལྟ་བུར་གནས། དེ་དག་ཚང་མ་བོད་ནས་བྲོས་བྱོལ་དུ་ཕེབས་པའི་གང་ཟག་སྒེར་པ་རྣམས་ཀྱིས་གཏོར་བཤིག་བཏང་པའི་དགོན་སྡེ་ཁག་ནས་ཉེན་ཁ་ལས་བསྐྱབས་ཏེ། བརྟན་པོར་ཉར་ཚགས་བྱ་ཆེད་༸གོང་ས་མཆོག་ལ་ཕུལ་བ་ཤ་སྟག་ཡིན། དེ་འདྲ་བྱུང་ན། བོད་ཀྱི་རིག་གཞུང་གི་གཅེས་ནོར་སྲུང་སྐྱོབ་ཐུབ་ངེས་ཡིན། [...]

འབྲེལ་ཡོད་དྲ་བྱང་།