ནང་ཆོས་འཛིན་གྲྭ་དང་པོ།


དགེ་རྒན། : དགེ་བཤེས་རྒྱལ་མཚན་ཚེ་རིང།
གཟའ་ཟླ་བ་ནས་སྤེན་པ། ཕྱག་ཚོད་ ༩ ནས་ ༡༠།༡༥
གསུང་སྒྱུར་བ། : ཨཱ་ཙཱརྱ་བསོད་ནམས་རྒྱ་མཚོ། ཚེ་རིང་ནོར་བུ། ཕུར་བུ་སྒྲོལ་མ། ཟླ་སྒྲོན།

ནང་ཆོས་འཛིན་གྲྭ་དང་པོ།


ལོ་རྒྱུས།

དགེ་བཤེས་རྒྱལ་མཚན་ཚེ་རིང།
དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས་ནི་བོད་ཁམས་ཁུལ་བྲག་འགོར་སྐུ་འཁྲུངས་ཤིང། དགུང་ལོ་བཅོ་བརྒྱད་ཐོག་ར་བཟང་རི་ཁྲོད་དུ་ཨ་ཁུ་ལགས་ཀྱི་དྲུང་ནས་ནང་ཆོས་སློབ་གཉེར་གནང་འགོ་བཙུགས། དེ་རྗེས་བྲག་འགོ་དགོན་དུ་ཆོས་ཞུགས་ཀྱིས་ལོ་ལྔ་རིང་ནང་ཆོས་སློབ་གཉེར་གནང། ཕྱི་ལོ་ ༡༩༨༨ ལོར་བཙན་བྱོལ་དུ་ཕེབས་ནས་བྱེས་ཀྱི་གདན་ས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ལོ་ངོ་ ༢༥ རིང་ནང་དོན་རིག་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་སྟེ། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་རིང་སྔགས་ཀྱི་སློབ་གཉེར་གནང། ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་ཁྲིད་དགེ་རྒན་དུ་གདན་ཞུས་གྱིས་ཕྱག་ལས་གནང་བཞིན་ཡོད།

གསུང་སྒྱུར་བ།

ཚེ་རིང་ནོར་བུ་ལགས།
ཁོང་ནི་དྷ་ས་རིགས་ལམ་སློབ་གཉེར་ཁང་ནས་སློབ་དཔོན་གྱི་མཚན་གནས་དང་མཉམ་པའི་དབུ་མ་རབ་འབྱམས་པ་དང། བོད་ཀྱི་རིག་གནས་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས་ཏེ། ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡོད།
ཨཱ་ཙཱརྱ་བསོད་ནམས་རྒྱ་མཚོ་ལགས།
ཁོང་ནི་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་སློབ་ནས་བོད་ཀྱི་རིག་གནས་དང་ནང་ཆོས་ཐོག་ ཨཱ་ཙཱརྱ་ཐོན་ཞིང་ཕྱི་ལོ་ ༢༠༠༥ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས།
ཕུར་བུ་སྒྲོལ་མ།
ཁོང་ནི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང། དིལླཱི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བཞེས། ཕྱི་ལོ་ ༢༠༡༢ ཟླ་ ༦ པའི་ནང་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་ཀྱིས་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡ།
ཟླ་སྒྲོན།
ཁོང་ནི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང། དིལླཱི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོབ། ཕྱི་ལོ་ ༢༠༡༣ ནང་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་ཀྱིས་སྤྱི་བཏང་དཔེ་མཛོད་དོ་དམ་པ་གནང།  ༢༠༡༥ ལོ་ནས་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡོད།